སྨོན་ལམ་ཚིག་མཛོད་ཆེན་མོར་ཐུགས་སྣང་གནང་བར་དགའ་བསུ་ཞུ།


སྨོན་ལམ་ཚིག་མཛོད་ཆེན་མོ་ནི། ཕྱི་ལོ་༢༠༡༢ ཟླ་༤ ཚེས་ ༢༠ ལ་དབུ་འཛུགས་བྱས་ཤིང་། ཕྱི་ལོ་༢༠༢༡ ལོའི་ཟླ་ ༡༢ ཚེས་ ༣༡ བར་དུ་རྩོམ་སྒྲིག་བྱས་པ་ཞིག་ཡིན་ལ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གཙོ་འགན་བླངས་ཤིང་། བོད་ཀྱི་ཤེས་ཡོན་ཚོགས་སྡེ་ཁག་གང་མང་ཞིག་དང་མཉམ་འབྲེལ་བྱས་ནས་རྩོམ་སྒྲིག་སྡེ་ཚན་ ༣༥ ཡི་རྩོམ་སྒྲིག་པ་ ༢༠༠ ལྷག་མཉམ་ཞུགས་ཀྱིས་རྩོམ་སྒྲིག་བྱས་པ་ཞིག་ཡིན། འདི་ནི་སྐད་ཡིག་རིག་གཞུང་དང་འབྲེལ་བའི་མཉམ་འབྲེལ་ལས་གཞི་རྒྱ་ཆེ་བ་ཞིག་ཡིན།
སྨོན་ལམ་ཚིག་མཛོད་ཆེན་མོའི་དྲ་ལམ་ཚིག་མཛོད་ (www.monlamdic.com) དངོས་སུ་ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༥ ཚེས་ ༢༧ ཉིན་ཤར་གཏོང་བྱས་ཡོད། རིང་མིན་ Windows, Mac OS X, iOS, Android མ་ལག་ཁག་སོ་སོར་བཀོལ་ཆོག་པའི་མཉེན་ཆས་གསར་པ་རིན་མེད་ཐོག་འགྲེམ་སྤེལ་ཞུ་རྒྱུ་ཡིན། ཚིག་མཛོད་ཆེན་མོ་ཚར་གཅིག་ལ་པོད་ ༡༤༨ དང་ཟུར་བཀོལ་པོད་ ༧༥ བཅས་པོད་ ༢༢༣ གྱི་བདག་ཉིད་ཅན་ཞིག་ཡིན། འདི་ལ་ཤོག་ངོས་ 1,33,870 ལྷག་ཡོད་པ་དང་ཡང་ན་ཚེག་བར་ 64,663,121 ལྷག་ཡོད། འདི་ལ་མ་ཚིག་གཙོ་བོ། 395,000 དང་། དཔེར་བརྗོད། 240,884 ཡོད། ཚིག་མཛོད་འདི་ནི་འཛམ་གླིང་འདིར་དེབ་ཕྲེང་མང་ཤོས་ཀྱི་ཚིག་མཛོད་དུ་གྱུར་ཡོད།

ཁྱེད་ལ་ཐུགས་ཕན་སོས་པའི་རེ་བ་བཅས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནས།

Monlam Grand Tibetan Dictionary